2012年12月16日星期日

བོད་མི་ལ་སྙིང་རྗེ་བྱེད་ཁུལ་བྱས་ནས་ཨུ་ཚུགས་་ཀྱིས་༸གོང་ས་མཆོག་གི་གཟིགས་ཚུལ་ལ་རེ་སྒུག་བྱེད་པ།

(我的文章《请勿扮悲天悯人,执意要求尊者达赖喇嘛表态》已被翻译成藏语:)


ཀྲོའོ་རེས་ཀྱིས་བརྩམས། སྐལ་བཟང་སྐྱིད་ནས་བསྒྱུར།

མི་ཚང་མས་ཤེས་གསལ་ལྟར།བོད་མི་ཚོས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལ་རག་ལས་པ་ཡིན། ཡིན་ནའང་།རྒྱ་རིགས་ཁ་ཤས་དང་ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་འཚར་ལོངས་བྱུང་བའི་ཕྱི་སྡོད་རྒྱ་རིགས

་རྣམས་ཀྱིས་གོང་ས་མཆོག་ལ་གནད་དོན་འདིའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་ལ་རེ་བ་བྱེད་བཞིན་ཡོད། དཔེར་ན། BBCབཅར་འདྲི་ཐེངས་གཅིག་སྐབས་ ༸གོང་ས་མཆོག་གིས་འདི་ལྟ་བུའི་ངོ་རྒོལ་གྱི་རྣམ་པར་མོས་མཐུན་མེད་པ་དང་།ད་ལྟའི་བཙན་གནོན་འོག་ཡོད་པའི་བོད་ནང་གི་གནས་སྟངས་ཀྱི་མཇུག་འབྲས་དེ་གང་འདྲ་ཡིན་མིན་ལ་བློ་འཚུབ་ཡོད་ཅེས་གསུངས་ཡོད། རྒྱུ་མཚན་ཅིའི་ཕྱིར་༸གོང་ས་མཆོག་གིས་འདིའི་ཐད་བཀའ་སློབ་མ་བསྩལ་བ་ཡིན་ནམ།ང་རང་སྒེར་གྱི་ངོས་ཐད་ནས་འདིའི་སྐོར་ལ་རྒྱུ་རྐྱེན་ཁ་ཤས་གླེང་བ་ཡིན་ན།

དང་པོ། མེར་བསྲེག་བཀག་འགོག་བྱེད་དགོས་ན། ངེས་པར་ཏུ་རྒྱུ་མཚན་ཡང་དག་ཞིག་དགོས། བོད་ནང་གི་མེར་བསྲེག་དོན་རྐྱེན་འདི་དག་ལ་མ་མཐའ་ཡང་གསལ་བཤད་གསལ་པོ་ཞིག་དགོས་པ་རེད། དཔེར་ན། བོད་ནང་གི་ཛ་དྲག་གནས་ཚུལ་ལ་རྒྱ་ནག་གཞུང་གིས་ཞི་ལྷང་དུ་གཏོང་རྒྱུའི་འདོད་བློ་ཡོད་མེད་དང་། ཞིབ་བཤེར་བྱས་ཡོད་མེད།བོད་ལ་བཟུང་བའི་ད་ལྟའི་སྲིད་ཇུས་ཀྱི་འཆར་གཞི་ལ་འགྱུར་བ་གཏོང་མིན་སྐོར་སོགས་གསལ་བཤད་བྱེད་ཐུབ་ན་མ་མཐའ་ཡང་བོད་གཞིས་བྱེས་གཉིས་ལ་སེམས་གསོ་ལྟ་བུའི་རེ་བ་ཞིག་སྟེར་ཐུབ། དེ་ལས་ལྡོག་ཏེ། དོན་གྱི་འབྲས་བུ་ཁོ་ན་གླེང་བ་ལས་རྒྱུ་རྐྱེན་མ་གླེང་བ་ཡིན་ན་དོན་དངོས་སྙིང་བོ་ཅི་ཡང་མི་འདུག གླེང་ན་ཡང་སྟོང་གཏམ་ཁོ་ནའོ།

གཉིས་པ། དྲག་པོ་དང་རྩུབ་པའི་ངང་བསམ་ཚུལ་གསུངས་པ་ནི་ ༸གོང་ས་མཆོག་གི་ཁྱད་ཆོས་མ་རེད། གོང་ས་མཆོག་གིས་བོད་མི་རྣམས་ལ་སྙིང་ཉེ་བ་དང་གོ་རིམ་ལྡན་པའི་ངང་བཀའ་སློབ་བསྩལ་བ་ངས་ཡང་གོ་མྱོང་ཡོད། བཀའ་སློབ་གནང་སྐབས་བོད་པ་ཚོའི་བསམ་ཚུལ་གསན་པ་སོགས་ལ་ཐུགས་སྣང་ཆེན་པོ་འདུག འདིས་བཙན་བྱོལ་སྤྱི་ཚོགས་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་ཏུ་མངོན་དུ་གྱུར་ཡོད། གལ་སྲིད་ ༸གོང་ས་མཆོག་གིས་རང་ལུས་མེར་བསྲེག་སྐོར་ལ་བཙན་གྱིས་བཀའ་བཏང་སྟེ་བཀག་འགོག་ཞུས་ན། མཇུག་འབྲས་ཡང་ཡག་པོ་ཞིག་ཡོང་ཐུབ་བ་ཐེ་ཚོམ་རེད། དེ་ལ་ཡང་འགྲེལ་ལོག་གཉིས་ཡོང་སྲིད།

ཕྱོགས་གཅིག་ནས། རྒྱ་ནག་སྲིད་གཞུང་གིས་གོ་སྐབས་འདི་དམ་པོར་བཟུང་ནས་དྲིལ་བསྒྲགས་ཤུགས་ཆེར་གཏོང་རྒྱུ་རེད། བོད་མི་འདི་འདྲ་མང་པོ་ཞིག་མེར་བསྲེགས་བཏང་རྗེས་ད་གཟོད་༸གོང་ས་མཆོག་གིས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བཏོན་། སྔོན་ཆད་ཀྱི་མེར་བསྲེགས་བཏང་མཁན་རྣམས་
༸གོང་ས་མཆོག་གི་ངན་སྐུལ་འོག་གྲོངས་བ་རེད་ཞེས“་རང་ལུས་མེར་བསྲེགས་ལ་ངན་སྐུལ་གཏོང་བའི་”ཉེས་མིང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་འཛུག་ངེས། ༸གོང་ས་མཆོག་ལ་ཅི་འདྲའི་ཉེས་མེད་ཉེས་འདོགས་བྱེད་ན་དེ་བས་ཀྱང་རང་ལུས་མེར་བསྲེག་རྒྱུན་མི་ཆད་པའོ

ཕྱོགས་གཞན་ཞིག་ནས། བོད་ནང་ལོག་ནས་གོ་བ་ལེན་སྟངས་མི་འདྲ་བ་འབྱུང་སྲིད། བོད་མི་ཁག་གཅིག་གིས་ ༸གོང་ས་མཆོག་གིས་གནོན་ཤུགས་འོག་ནས་མེར་བསྲེག་མཚམས་འཇོག་གི་བཀའ་སློབ་བསྩལ་བ་རེད་བསམ་པ་དང་། ནང་ཆོས་ཀྱི་དགོངས་དོན་དང་མཐུན་ཀྱང་མ་མཐུན་རུང་རང་ལུས་མེར་བསྲེག་གཏོང་མཁན་ཇེ་མང་དུ་འགྲོ་བ་ལས་མཚམས་འཇོག་མི་སྲིད། བོད་མི་ཁ་ཤས་ཀྱིས་འདི་ནི་ ༸གོང་ས་མཆོག་གི་དགོངས་གཞི་དངོས་རེད་བསམ་ནས་རང་ལུས་མེར་བསྲེག་ཉུང་དུ་འགྲོ་ཐབས་ལ་ཤུགས་རྒྱག་སྲིད། གང་ལྟར་བོད་ནང་ལོག་ལ་དཀའ་ངལ་འཕྲད་ནས་བོད་མི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ངེས།

གསུམ་པ། གལ་ཏེ་རང་ལུས་མེར་བསྲེག་དངོས་སུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་ན། རང་ལུས་མེར་བསྲེག་ལ་ཡང་དག་ངང་འགྲེལ་བརྗོད་བྱེད་དགོས།མེར་བསྲེག་གཏོང་མཁན་གྱི་ཞལ་ཆེམས་ཡི་གེ་དང་ཡང་ན་ཁོང་ཚོའི་ཚེ་སྲོག་གི་མཐའ་མའི་འབོད་སྒྲ་ནི་བོད་ཀྱི་རང་དབང་དང་ ༸གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་པའི་ཆེད་རེད། ཁོང་ཚོའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་རེ་སྨོན་ཡིན་པ་ཁས་མི་ལེན་ག་མེད་རེད། གལ་ཏེ་ཁས་བླངས་ན་སྐུལ་འདེད་བྱེད་པ་དང་མཚུངས་བས་རང་ལུས་མེར་བསྲེག་གཏོང་མཁན་མང་རུ་འགྲོ་ངེས།

དྲང་མོར་བཤད་ན ༸གོང་ས་མཆོག་ལ་ངང་སྒུག་བྱེད་མི་ཐུབ་པར་དགོངས་ཚུལ་བརྗོད་དགོས་ཟེར་མཁན་གྱི་ རྒྱ་རིགས་དེ་དག་གི་རྒྱབ་ལྗོངས་དང་དམིགས་ཡུལ་འདྲ་མིན་ཡིན་ན་ཡང་། ཐུན་མོང་གི་བསམ་ཕྱོགས་གཅིག་ནི་སེམས་ཁྲལ་དང་སྙིང་རྗེའི་ཕྱི་པགས་འོག་བསམ་བཞིན་དང་ཡང་ན་བསམ་བཞིན་མ་ཡིན་པར་རང་ ལུས་མེར་བསྲེག་ཀྱི་རྒྱུ་རྐྱེན་དང་༸གོང་ས་མཆོག་གིས་འདིའི་ཐད་བཀག་འགོག་གི་བཀའ་སློབ་གནང་དཀའ་བར་གཡོལ་ནས་རྒྱ་དམར་ལ་ཐར་ལམ་བཟོ་བཞིན་ཡོད།

ཡིན་ནའང་། རྒྱ་རིགས་་ཁ་ཤས་ཀྱིས་བསམ་བློ་ཞིབ་མོར་བཏང་རྗེས་ལྷག་བསམ་རྣམ་དག་གིས་སོ་སོའི་ཁྱད་ཆོས་ལྡན་པའི་ཐུན་མིན་གྱི་བསམ་ཚུལ་བརྗོད་ཡོད་པ་རེད། དེ་དག་ནི་བོད་ཀྱི་ལས་དབང་ལ་བཅངས་བའི་ཐུགས་ཁུར་དངོས་ཡིན་པས་དཔའ་ངར་སྐྱེ་རུ་འཇུག་པ་དང་སེམས་འགུལ་ཐེབས་ཐུབ། དཔེ་མཚོན་ཁ་ཤས་ལས།

“རང་ལུས་མེར་བསྲེག་གཏོང་མཁན་གྱི་ཆོས་ལུགས་དད་ལྡན་པ་ལ་སྐུལ་འདེད་དང་ངོ་རྒོལ་གང་རུང་བྱས་ཡང་སྙིང་བོ་མི་འདུག རྒྱུ་མཚན་ནི་དེ་ནི་ཁོ་རང་ཚོའི་ཆོས་ལུགས་དད་མོས་ཡིན་པས་སོ། ……… དེ་ནི་ ཁོང་ཚོས་རང་གི་ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་དང་མི་རིགས་རང་དབང་གི་ཆེད་ དད་གུས་ཆེན་པོའི་་ངང་རང་ལུས་བློས་གཏོང་བྱེད་པའོ། ”
“ང་ཚོ་རྒྱ་མི་ཡོངས་རྫོགས་ལ་ཉེས་བ་ཡོད།”

“ང་ཚོས་གུང་ཁྲན་ཏང་གི་ཆེད་རང་འགན་གཞན་དཀྲི་མི་བྱེད་པར་ བོད་མིའི་གཞི་རྩའི་རང་དབང་འཕྲོག་པའི་གུང་ཁྲན་ཏང་ལ་སྐྱོན་བརྗོད་བྱེད་དགོས་པ་ང་ཚོའི་འོས་འགན་ཡིན། ”
“འཇིག་རྟེན་འདིའི་སྟེང་གི་དོན་དག་ཁ་ཤས་ཁེ་ཕན་ཁོ་ནར་དམིགས་པའི་ང་ཚོ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་གོ་བ་ལེན་ཐུབ་པ་ཁག་པོ་རེད།”

转自桑杰嘉博客:http://sangjey.blogspot.in/2012/12/blog-post_16.html

没有评论: